འཛི་སྒར་ལོ་རྒྱུས།

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།(༦)

གང་འདུལ་བརྩེ་བའི་རོལ་པ་སྟོན་པ་ལ། །
སྣ་ཚོགས་ཕྲིན་ལས་རྒྱ་མཚོའི་མཛོད་བཟུང་སྟེ། །
བསྟན་འགྲོ་ཡོངས་ལ་ཕན་བདེའི་དཔལ་སྦྱིན་མཁན། །
མི་ཕམ་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༧)

ཨོ་རྒྱན་མ་ཧཱ་གུ་རུའི་ཕོ་ཉ་བ། །

ཁམས་གསུམ་འགྲོ་བའི་དཔལ་མགོན་རིག་པ་འཛིན། །

རྫོགས་ཆེན་ཨ་ཏིའི་གྲུབ་བརྙེས་དྲིན་ཆེན་རྗེ། །

ལྷ་མཆོག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༨)

རྗེ་འདིའི་དགོངས་གཏེར་སྐོར་ནི། ཟབ་ཆོས་བླ་མེད་ཞི་ཁྲོའི་སྒྲུབ་དཀྱིལ་མཐོང་ཐོས་དྲན་པ་ཀུན་གྲོལ་གྱི་ལས་ཚོགས་རྒྱས་པ། ཡི་དམ་རྟ་མགྲིན་དམར་པོའི་ལས་ཚོགས། ཁྱུང་ནག་གི་སྒྲུབ་ཐབས། ཡང་གསང་མཐུ་ལྡན་དམོད་པ་དྲག་སྔགས་ཀྱི་སྐོར། དཔལ་སྟོབས་ལྡན་གཏུམ་པོ་ཆོས་སྐྱོང་དགོངས་པ་འདུས་པའི་ལས་ཚོགས། དྲང་སྲོང་ལོཀྟྲི་པཱ་ལ། ནོར་ལྷ་ཀུན་འདུས་བསོད་ནམས་ཆུ་གཏེར

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༩)

༈ འདིར་ཞར་བྱུང་དུ་སྐྱེ་སྤྲུལ་གཞན་དང་། བཤད་སྒྲུབ་ཀྱི་སྡེ་དར་ཚུལ་གྱི་ལོ་རྒྱུས་གཉིས་ལས། དང་པོ་ནི། རྗེ་འཛི་སྒར་གཉིས་པའི་དབོན་རྫོགས་པའི་སངས་རྒྱས་དགེ་ལེགས་རིན་ཆེན་ཞེས་མཁསགྲུབ་གཉིས་ལྡན་ཞིག་བྱོན་པ་དེ། རབ་བྱུང་བཅུ་གཉིས་པ་གསར་ཚེས་མེ་ཡོས་༼༡༦༨༧༽ལོར་འཁྲུངས། རྗེ་ཀུན་དགའ་བསྟན་འཛིན་དང་།

༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༡༠)

ད་ལྟའི་དུས་རབས་འདིར་བསྟན་དགོན་འདི་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ལྕི་བླ་སྤྲུལ་སྐུ་རིན་པོ་ཆེ་ནི། ཁམས་ཆབ་མདོ་རྫ་རྒྱུད་ཀརྨའི་དགོན་དང་ཉེ་སར། ཟླ་ནག་ཚང་དུ། ཡབ་ཨོ་རྒྱན་དང་། ཡུམ་ཚེ་རིང་ཆོས་མཚོ་ཞེས་པའི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱི་༼༡༩༣༦༽ལོར་སྐུ་འཁྲུངས། དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པས་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་བཟུང་ཞིང་།