སྟག་ཚང་རས་པ་སྐུ་ཕྲེང་གཉིས་པ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར།

༈ སྟག་ཚང་རས་པ་སྐུ་ཕྲེང་གཉིས་པ་མཚོ་སྐྱེས་རྡོ་རྗེ་ནི། རྗེ་གོང་མའི་ཞལ་ཆེམས་སུ། ང་ཧེ་མི་ནས་ལྷོ་ཕྱོགས་ཆུ་བོ་ཆེན་པོ་བརྒལ་བའི་ལྗོངས་གནྡྷོ་ལ་དང་ཉེ་བའི་ཡུལ་དུ་འགྲོ་རྒྱུ་ཡིན་ཞེས་གསུངས་པ་ལྟར།

སྐུ་ཕྲེང་གསུམ་པ་བདེ་ཆེན་རྡོ་རྗེའི་རྣམ་ཐར།

༈ སྐུ་ཕྲེང་གསུམ་པ་བདེ་ཆེན་རྡོ་རྗེ་ནི། འཁྲུངས་ཡུལ་སོགས་ངེས་རྙེད་མ་བྱུང་ཡང༌། ཐོག་མར་འབྲུག་བདེ་ཆེན་ཆོས་འཁོར་དུ་བཞུགས། འཇིག་རྟེན་བློས་བཏང་གི་སྤྱོད་པས་བཀའ་བརྒྱུད་གོང་མའི་རྣམ་ཐར་བསྐྱངས་ཤིང་གནས་ཆེན་ཀུན་ཉུལ། གྲུབ་ཐོབ་བརྟུལ་ཞུགས་ཀྱི་ཚུལ་བཟུང་བ་ཞིག་ཡིན། འོན་ཀྱང་གདན་ས་ཧེ་མི་དགོན་གྱི་ཁྲིར་ཕེབས་པའི་རྣམ་ཐར་མི་སྣང་ངོ༌། །

བཞི་པ་ཨཱ་ཙརྱའི་མཚན་ཅན་གྱི་རྣམ་ཐར།

༈ བཞི་པ་ཨཱ་ཙརྻའི་མཚན་ཅན་ནི། ཡབ་ཡུམ་མ་གསལ་ཡང༌། རབ་བྱུང་བཅུ་གསུམ་པའི་ཤིང་གླང་༼༡༨༠༥༽ལོ་ཙམ་ལ་འཁྲུངས། བདེ་ཆེན་ཆོས་འཁོར་དུ་བཞུགས། བྱ་བྲལ་བའི་ཚུལ་བཟུང་ནས་གནས་ཡུལ་དུ་མར་བྱོན་ཅིང༌། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་པར་མཛད། རྗེ་འདིའང་ཧེ་མི་སྟག་ཚང་གི་གདན་ཁྲིར་ཕེབས་པའི་རྣམ་ཐར་མེད་དོ། །

ལྔ་པ་འཆི་མེད་པདྨ་འགྲོ་འདུལ་གླིང་པའི་རྣམ་ཐར།

༈ ལྔ་པ་འཆི་མེད་པདྨ་འགྲོ་འདུལ་གླིང་པའམ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱལ་མཚན་ནི། བོད་དབུས་ལྷ་ས་གཡུ་ཐོག་གཟིམ་ཤག་ཏུ། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་༼༡༨༧༥༽ལོར་འཁྲུངས། ལ་དྭགས་སུ་སྤྱན་དྲངས་ནས་གདན་ཁྲིར་མངའ་གསོལ། ཡོངས་འཛིན་ཤེས་བྱ་ཀུན་གཟིགས་དང༌། ཁམས་སྤྲུལ་བསྟན་པའི་ཉི་མ་སོགས་བླ་མར་བསྟེན་ནས་འབྲུག་ལུགས་ཀྱི་གདམས་ཟབ་རྣམས་གསན། ཧེ་མི་རྒོད་ཚང་དུ་ལོ་བཅུ་གཉིས་སུ་བཅད་རྒྱར་བཞུགས། དེ་ནས་ཁ་ཆེའི་ཡུལ་དུ་བྱོན། ལུང་པ་ཞིག་གི་མདར་ལཉྫའི་ཡི་གེར་ནཱ་རང་བྱོན་ཡོད་པ་ཞིག་ཕྱག་ཏུ་བྱུང་བས། གནས་དེ་ནཱ་རོ་པའི་བཞུགས་གནས་འཁྲུལ་མེད་ཡིན་པར་གོ་ནས། སྒྲུབ་ཕུག

ལ་དྭགས་རྒྱལ་སྲས་ཚེ་དབང་མཐུ་སྟོབས་རྡོ་རྗེའི་རྣམ་ཐར།

༈ ལ་དྭགས་རྒྱལ་སྲས་རིན་པོ་ཆེ་མི་ཕམ་ཚེ་དབང་མཐུ་སྟོབས་རྡོ་རྗེ་ནི། ཡབ་ཆོས་རྒྱལ་བདེ་སྐྱོང་རྣམ་རྒྱལ་དང༌། ཡུམ་རྒྱལ་མོ་ཀུན་འཛོམས་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་༼༡༧༣༠༽ལོར་འཁྲུངས། ཁབ་ཏུ་བཞུགས་དུས་མཚན་ས་སྐྱོང་རྣམ་རྒྱལ་ཡིན། གཞོན་ནུ་ནས་དགེ་བའི་བྱ་བར་ཐུགས་སྟོབས་ཤིན་ཏུ་ཆེ་ཞིང༌། ཧེ་མིར་ཆོས་ཞུགས་མཛད། དགོན་པའི་སློབ་གཉེར་མཐར་ཕྱིན་ནས་དགེ་འདུན་སྤྱིའི་ལས་སྣེ་རྣམས་རིམ་བཞིན་བཞེས། རྗེ་སྟག་ཚང་རས་པའི་གདན་ཚབ་ཀྱང་མཛད། འདི་སྐབས་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལ་དྭགས་སུ་ཕེབས་པའི་དྲུང་དུ། རྒྱལ་སྲས་རིན་པོ་ཆེ་དང༌། ཕྱག་མཛོད་བཀྲ་ཤིས་གཉིས་ཀྱིས་