བྱར་ཁྲི་དཔོན་མི་ཕམ་ཚེའི་དབང་ཕྱུག་གི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་བྱར་ཁྲི་དཔོན་མི་ཕམ་ཚེའི་དབང་ཕྱུག་ནི། སྔོན་གྱི་ཡབ་མེས་རྣམས་ཀྱི་མཛད་སྲོལ་བཟང་པོ་གཙུག་ལག་གཉིས་ཉམས་པ་མེད་པར་བསྐྱངས། རྟེན་མཛེས་པའི་ཕྱིར་དབུ་སྐྲའི་གཙུག་ཕུད་ཀྱང་ཀུན་མཁྱེན་རྒྱལ་བའི་དབང་པོ་ལ་ཕུལ་ལོ། །

བླ་མ་གྲགས་པ་ནི། ཕོ་བྲང་ཡང་རྩེའི་ཆེན་པོ་བ་བསྐོ་བ་གནང༌། རྗེ་ལ་མི་ཕྱེད་པའི་དད་པ་ཐོབ་པ། གཟིམས་དཔོན་ཡང་རྒྱུན་རིང་མཛད་པ་ཞིག་ཡིན་ནོ། །